ལྷན་ཚོགས་འདིའི་དགོས་དམིགས།
ཀ) ལྷན་ཚོགས་འདིའི་ཁྱབ་ཁོངས་དགོན་སྡེ་སོ་སོར་རྩོད་གྲྭ་སྔར་ཡོད་ཁར་སློབ་གཉེར་ཡར་རྒྱས་གོང་མཐོར་འཕེལ་བའི་ཐབས་ལམ་འབད་སྒྲུབ་ཞུ་རྒྱུ།
ཁ) ལོ་རེར་གྲྭ་ཚང་ཁག་གི་སློབ་གཉེར་བ་རྣམས་མཉམ་ཚོགས་ཀྱིས་འཇང་དགུན་ཆོས་ཀྱི་ཆོས་ཐོག་ཆེན་མོ་གོ་སྒྲིག་ཞུ་རྒྱུ།
ག) གཞུང་ཆེན་བཀའ་པོད་ལྔ་ལ་རྒྱུགས་སྤྲོད་མཐར་སོན་པའི་སློབ་མ་རྣམས་ལ་ཕར་ཕྱིན་རབ་འབྱམས་པ་སོགས་ཀྱི་ཕྱག་འཁྱེར་ཚད་ལྡན་འབུལ་རྒྱུ།
ང་) དགོན་སྡེ་ཁག་གི་སློབ་མ་རྩེ་ཕུད་རྣམས་ལ་སློབ་མ་རྩེ་ཕུད་ཀྱི་བྱ་དགའ་འབུལ་རྒྱུ་དང་གཞུང་ཆེན་བློ་རྒྱུགས་ལེགས་ཐོན་རྣམས་ལ་བྱ་དགའ་འབུལ་རྒྱུ།
ཅ) མི་མང་རྣམས་ལ་ནང་ཆོས་ངོ་སྤྲོད་གོ་སྒྲིག་ཞུ་རྒྱུ།
ཆ) དགོན་སྡེ་ཁག་གི་སློབ་གཉེར་ལ་དགོས་མཁོའི་ཆེད་གཞུང་ཆེན་དཔེ་དེབ་ཁག་དཔར་བསྐྲུན་ཞུ་རྒྱུ།
ཇ) དཔེ་ཁྲིད་དགེ་རྒན་རྣམས་ཀྱི་གསོལ་ཕོགས་ཀྱི་མཐུན་རྐྱེན་འབད་སྒྲུབ་ཞུ་རྒྱུ་བཅས་སོ། །