དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས།།
དྲི་མེད་མཁྱེན་པའི་དབང་པོ་འཇམ་དཔལ་དབྱངས།།
བདུད་དཔུང་མ་ལུས་འཇོམས་མཛད་གསང་བའི་བདག།
གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ།།
བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས།།
༄།དགའ་ལྡན་ལྔ་མཆོད་ཆེན་མོ་འདི་གར་བལ་ཡུལ་དགེ་ལྡན་ལྷན་ཚོགས་ཁྱབ་ཁོངས་དགོན་པ་ཁག་ནས་སྐྱིད་གྲོང་བསམ་གཏན་གླིང་དགོན་པར་༧སྐྱབས་རྗེ་གསེར་ཀོང་རྡོ་རྗེ་འཆང་མཆོག་དང་ཀོ་པཎ་མཁན་རིན་པོ་ཆེ་དབུ་བཞུགས་སུ་སྟོད་ཆེན་ཁག་དང་བླ་མཆོད་ཚོགས་མཆོད་དང་འབྲེལ་སྨོན་ལམ་མཆོད་འབུལ་ཚུགས་ཐུབ་པ་བྱུང་ཡོད།









