༄༅།།སྤྱི་ལོ་༢༠༡༩ལོའི་སྤྱི་ཟླ་༡༠ཚེས་༡༣ཉིན་བལ་ཡུལ་དགེ་ལྡན་ལྷན་ཚོགས་ཀྱིས་གོ་སྒྲིག་ཐོག་རིས་མེད་དགོན་སྡེ་ཁག་གི་སློབ་གཉེར་བ་རྣམས་འཇང་དགུན་ཆོས་ཆོས་ཐོག་ཆེན་མོ་ཐེངས་བཅུ་པ་འདི་ཉིད་གནས་ཁྱད་པར་ཅན་འཕགས་ཤིང་མཆོད་རྟེན་ཆེན་མོའི་ཉེ་སྟབས་འཇམ་དབྱངས་བཞུགས་ཁྲིའི་ངོས་སུ་འོད་ཅན་ཐུགས་རྗེ་ཆོས་གླིང་དགོན་པར་སྟ་གོན་གྲལ་སྒྲིག་དང་།

སྤྱི་ཚེས་༡༤ཉིན་ཞོགས་པ་ཕྱག་ཚོད་བཅུ་པ་ནས་དབུ་བཙུགས་ཀྱིས་འཇང་དགུན་ཆོས་མཛད་སྒོ་དངོས་གཞི་དེ་ལ་ཡང་དགེ་ལྷན་ཚོགས་ཀྱི་དྲུང་ཆེ་མཆོག་ནས་མཛད་རིམ་ངོ་སྤྲོད་ཐོག

དང་པོ་༸གོང་ས་མཆོག་གིས་སྐུ་པར་མཐོང་གྲོལ་རིན་པོ་ཆེ་མཆོག་སྤོས་སྣེ་སྔོན་བསུས་ཏེ་གྲུབ་ཐོབ་འོད་ཅན་ཐུགས་རྗེ་ཆོས་གླིང་དགོན་གྱི་དབུ་མཛད་ཆེན་མོ་མཆོག་ནས་ཞལ་འདོན་སྐྱབས་འགྲོ་སེམས་བསྐྱེད་དང་ཡན་ལག་བདུན་པ་བཅས་གསུང་རྗེས་སྐུ་མགྲོན་གཙོ་བོ་སྐུ་འཚབ་དོན་གཅོད་མཆོག་དང་དམིགས་གསལ་སྐུ་མགྲོན་ཞིང་གཤེགས་དམ་པ་གྲུབ་ཐོབ་རིན་པོ་ཆེ་མཆོག་གི་ཡང་སྲིད་མཆོག་སྤྲུལ་རིན་པོ་ཆེ་མཆོག་གི་དབུས་དགོན་སྡེ་ཁག་གི་མཁན་བླ་སྤྲུལ་རྣམ་པ་བཅས་ནས་མནྡལ་འདེགས་འབུལ་ཞུས་འཚམས་སུ་

དབུ་མཛད་མཆོག་ནས་གསོལ་ཇ་འབྲས་བསིལ་མཆོད་པ་ཕུལ་རྗེས་རང་གཞུང་དཔལ་ལྡན་སྐུ་འཚབ་དོན་གཅོད་མཆོག་གི་སྐུ་འཚབ་བཀྲིས་ལགས་ནས་བོད་རྒྱུད་ནང་བསྟན་ནང་གི་ཚད་མའི་སློབ་གཉེར་འདི་བཞིན་མུ་མཐུད་རྒྱུན་འཁྱོང་ཡོང་བའི་བཀའ་སློབ་དང་ལྷན་དུ་ས་གནས་དགོན་པ་རང་གིས་སྐུ་འཚབ་རྒན་ཆོས་བཟང་དོན་གྲུབ་ལགས་ནས་འཇང་དགུན་ཆོས་དང་འབྲེལ་བའི་བཀའ་སློབ་དང་། དེ་བཞིན་དུ་དགེ་ལྡན་ལྷན་ཚོགས་ཀྱི་ཚོགས་གཙོ་དགེ་བཤེས་ཐུབ་བསྟན་ཤེས་རབ་མཆོག་ནས་འདས་པའི་རྒྱུད་རིམ་དང་མ་འོང་ཡར་རྒྱས་གཏོང་ཐབས་སོགས་བཀའ་སློབ་ལམ་སྟོན་གནང་བར་མ་ཟད་རྟེན་འབྲེལ་གྱི་དམ་བཅའ་སྐར་མ་ཉི་ཤུ་ཙམ་ཚུགས་པ་དང་དེ་ནས་བསྔོ་བ་སྨོན་ལམ་དང་འབྲེལ་བཀྲ་ཤིས་ཚིག་བཅད་གསུང་ཏེ་མཛད་སྒོ་རྒྱལ་དགའི་ངང་གྲོལ་བ་དང་ཉིན་རྒྱབ་མུ་མཐུད་སློབ་གཉེར་བ་རྣམས་རྩོད་ཟླ་དང་འཛིན་གྲྭའི་དམ་བཅའ་དགོན་པ་ཕན་མཚུན་དམ་བཅའ་ཆེན་མོ་གསུམ་གྱི་སྒོ་ནས་སྔར་རྒྱུན་བཞིན་ཚུགས་ཐུབ་པ་བྱུང་ཡོད།།


འདི་གར་ལྷན་ཚོགས་ཡིག་ཚང་ནས་ཕུལ།། །།🙏

Leave a Reply

Your email address will not be published. Required fields are marked *